སྐྱེ་མེད་ཆོས་སྐུའི་གཞི་ཀློང་ནས།། འགག་མེད་ཨཱརྱ་ཏཱ་རེ་མར།།
གསོལ་བ་འདེབས་སོ་གནོད་འཚེ་ཀུན།། མྱུར་དུ་བཟློག་མཛོད་རྗེ་བཙུན་མ།།

ཕ་གཅིག་བླ་མ་དབྱིངས་སུ་གཤེགས།། བདག་སོགས་འཁོར་ཚོགས་ཤུལ་དུ་ལུས།།
འདི་འདྲའི་སྡུག་བསྔལ་ཁྲོད་དུ་ལུས།། བསྟན་པའི་སྒྲོན་མེ་མྱུར་དུ་བཞེང།།
ཉིན་མཚན་ཀུན་ཏུ་གསོལ་འདེབས་ན།། བུ་གཅིག་མ་ཡིས་བརྩེ་བ་བཞིན།།
སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་།། སྐྱབས་གཅིག་བླ་མ་ཁྱེད་ཀྱིས་མཁྱེན།།
སློབ་འབངས་ཡོངས་ཀྱི་ཐ་ཤལ་པ་ཨ་སྤྲུལ་གྱི་མིང་ཅན་ནས།
所有痛苦有个起因,起因是负面的情绪或烦恼,必须要放弃这个起因才能远离痛苦。